Long Life Prayers

H.E. Azom Namtrul Tsultrim Jurmey Jamtso Rinpoche

༄༅། །སྨྲ་བ་བླ་མེད་སྟོན་མཆོག་དོན་ཀུན་འགྲུབ།། ཀླུ་སྒྲུབ་ཐོགས་མེད་པཎ་གྲུབ་བཅུ་བདུན་ཞབས།།

གངས་ཅན་འགྲོ་མགོན་མཁན་སློབ་ཆོས་རྒྱལ་སོགས།། རིམ་བྱོན་སྐྱེས་མཆོག་རྣམས་ཀྱིས་ཤིས་པ་སྩོལ།།

རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྙིང་མའི་་བསྟན།། བཤད་དང་སྒྲུབ་པས་ཕྱོགས་ཀྱི་མཐར་སྤེལ་བའི།།

འཇའ་ལུས་གྲུབ་པའི་པདྨའི་རྗེས་སྐྱོང་བ།། འགྱུར་མེད་རྒྱ་མཚོའི་ཞབས་པད་ཡུན་བརྟན་ཤོག།

ཅེས་པ་འདི་ནི་ཨ་འཛོམ་དགོན་གྱི་སྤྲུལ་སྐུ་འགྱུར་མེད་རྒྱ་མཚོའི་ཞབས་བསྟན་སྨོན་ཚིག་ཉུང་ངུ་ཞིག་དགོས་ཞེས་ཀཐོག་དགེ་རྩེ་རིན་པོ་ཆེ་ནས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས།
རབ་བྱུང་བཅུ་བདུན་པའི་ཆུ་་སྦྲུལ་ཟླ ༡ ཚེས ༢༡ ཕྱི་ལོ ༢༠༡༣ ཟླ། ༣ ཚེས ༣ ཉིན་སྦྱར་བའོ།